简介

Tsering Samdrub 次仁桑珠

ཚེ་རིང་བསམ་གྲུབ། WeChat ID:trsamdup ༡༩༩༡ལོར་བོད་ལྗོངས་ལྷོ་ཁ་ཆུ་གསུམ་དུ་སྐྱེས། ༢༠༡༣ལོར་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་མཛེས་རྩལ་ཚན་ཁག་ནས་མཛེས་རྩལ་སློབ་གསོའི་ཆེད་ལས་མཐར་ཐོན། ད་ཆ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སློབ་འབྲིང་དུ་མཛེས་རྩལ་སློབ་ཁྲིད་ཀྱི་བྱ་བ་གཉེར་བཞིན་ཡོད། ༢༠༡༧ལོའི་ཟླ་༡༡པར་བོད་ཀྱི་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་སྐབས་དང་པོའི་ཚོགས་མིར་འདམས་ཐོན་བྱུང་། ༢༠༡༡ལོའི་ཟླ་༡༢པའི་ཚེས་༣ནས་༡༣བར་དུ་བརྩམས་བྱ་《ཤེལ་ནང་གི་རང་གཟུགས་》ཁག་གཉིས་དང་《སློབ་གནས་གོས་》བཅས་པ་གསུམ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན། དེང་དུས་སྒྱུ་རྩལ་མཁས་པ་སྤེན་ཆུང་ལགས་མཆོག་ནས་ཇུས་འགོད་གནང་བའི་《གསལ་བཤད་ 》ཅེས་པའི་བོད་ཀྱི་དེང་དུས་གཞོན་སྐྱེས་སྒྱུ་རྩལ་པའི་བརྩམས་བྱ་འགྲེམས་སྟོན་གྱི་བྱེད་སྒོ་ལ་བཞུགས། ༢༠༡༡ལོའི་ཟླ་༡༢པར་བརྩམས་བྱ་《ཡུམ་བུ་བླ་མཁར་》དང་《བཙན་པོའི་བང་སོ》སོགས་ བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དུ་སྤེལ་བའི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་སློབ་ཀྱི་བརྩམས་བྱའི་འགྲེམས་སྟོན་བྱེད་སྒོར་བཞུགས། ༢༠༡༥ལོར་བརྩམས་བྱ་《སྨུག་པ་》ཞེས་པ་ཨི་ཊཱ་ལིག་གྲོང་འཁྱེར་Veniceརུ་སྤེལ་བའི་Imago Mundi Art《Made by tibetans》ཞེས་པའི་སྒྱུ་རྩལ་བརྩམས་བྱ་འགྲེམས་སྟོན་ལ་བཞུགས། ༢༠༡༥ལོའི་ཟླ་༡༠པར་བརྩམས་བྱ་《གནས་སྐབས་སློབ་ཁྲིད་ས་ཚིགས།》ཞེས་པ་དེ་《གངས་ལྗོངས་ཀྱི་བརྩེ་སེམས། སྐབས་དང་པོའི་བོད་ལྗོངས་སྣུམ་ཚོན་རི་མོའི་བརྩམས་བྱ་འགྲེམ་སྟོན་》ཞེས་པར་བཞུགས། ༢༠༡༦ལོའི་ཟླ་༡༠པར་བརྩམས་བྱ་《སྲིད་པའི་འཇིག་རྟེན།》ཞེས་པ་དེ་ནན་ཅིན་དུ་སྤེལ་བའི་《གྲངས་ཉུང་ཤས་ཤིག་གི་སྙན་ཞུ།——ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གཞོན་སྐྱེས་སྒྱུ་རྩལ་པའི་བརྩམ་བྱ་འགྲེམ་སྟོན་》ཞེས་པར་བཞུགས། ༢༠༡༧ལོའི་ཟླ་༩པར་བརྩམས་བྱ་《སྲིད་པའི་འཇིག་རྟེན་》ཞེས་པ་དེ་《གངས་ལྗོངས་ཀྱི་བརྩེ་སེམས། སྐབས་གཉིས་པའི་བོད་ལྗོངས་སྣུམ་ཚོན་རི་མོའི་བརྩམས་བྱ་འགྲེམ་སྟོན་》ཞེས་པར་བཞུགས། 次仁桑珠༼ཚེ་རིང་བསམ་གྲུབ།༽ WeChat ID:trsamdup 男、藏族,1991年出生在西藏山南曲松县,2013年从西藏大学艺术学院毕业,毕业后就职于拉萨市尼木县中学。2017年11月入选西藏油画学会第一届会员。 2011年12月作品 《镜中我》系列和 《学位服》在更敦群培艺术空间知名艺术家边琼(Benchung)策划的西藏当代青年艺术家作品展《表述》中参展。同年油画作品《雍布拉康》和《藏王墓》在西藏博物馆举办的《西藏大学艺术学院师生作品展》中参展。 2015年作品《雾》在意大利威尼斯举办的Imago Mundi Art《Made by Tibetans》当中参展。 (点击此处打开链接:《Fog》 by Tsering Samdrup) google👉🏾《Fog》by Tsering Samdrup 2015年10月油画作品《在路上(临时教学点)》入选参加雪域情——第一届西藏油画作品展。 2016年10月油画作品《或许明天》参加了在南京举办的《少数派报告——中国少数民族青年艺术家作品交流展》 2017年9月油画作品《或许明天》入选雪域情——第二届西藏油画作品展。

0次浏览